Friday, 3 May 2019

བཀྲ་ཤིས་སེམས་ཀྱི་དམ་ཚིག།།

དབྱིན་ཟླ་ལྔ་པའི་དབྱིན་ཚེས་གཉིས་ཀྱི་ཉིནམ།།ང་ལུ་སྤྲོ་ཞིང་དགའ་བའི་ཉིནམ་ཡང་ཨིན།།སློབ་དཔོན་རྣམས་ལུ་བཀའ་དྲིན་བསམ་ནི་དང་།།སྙིང་གཉིས་རྒྱུན་ལམ་མཐུད་པའི་དུས་སློབ་ཨིན།། ཉིནམ་འདིར་བྱང་ཆུབ་སྤྱོད་པ་ཆུ་ཐིག་ཙམ།།ང་གིས་སྙིང་སྡུག་གཞན་ཕྱིར་བློས་གཏང་པ།།ན་ཟུག་ཨིན་རུང་བྱང་ཆུབ་རྒྱ་མཚོར་རུབ།།དགའ་བ་གཞན་དང་ཡུན་གཏན་སྡོད་བ་ཅིན།།མོ་སེམས་དགའ་བ་ངེའི་སེམས་དགའ་ཚུགསཔ་དགོ།།རང་ནི་གཞན་གྱི་དགའ་བར་མི་ཚེ་སྐྱོང་།།འགུག་སྟེ་ནམ་ཚེ་སྡོད་དུས་ཡོད་པར་བསམ།། དམ་ཚིག་སེམས་ཀྱི་རི་མོ།།ཡལ་དབས་མེད་པར་བཞག་ནི།།བྱང་ཆུབ་སེམས་མ་ཁྱོད་ལུ།།ངེ་སེམས་བརྟན་པོ་རི་བཟུམ།།

No comments:

Post a Comment