མ་མཐོང་སེམས་ཀྱི་ཟླ་བ།། ཨའེ་ངེའི་ཡིད་འཕྲོག་ལྷ་མོ།།
ཕངས་སེམས་འོད་ཟེར་ཡལ་ཚེ།། མུན་པའི་སེམས་ཀྱི་མི་ཚེ།།
ཁྱོད་དང་འབྲེལ་བའི་དུས་ཚད།། སྐད་ཅིག་ཙམ་ཅིག་འབད་རུང་།།
ཁྱོད་དང་འབྲེལ་བའི་དུས་ཚད།། སྐད་ཅིག་ཙམ་ཅིག་འབད་རུང་།།
དགའ་སྤྲོ་གནམ་གྱི་ཚད་ལས།།མེད་རུང་སྐད་ཅིག་ཡུད་ཙམ།།
སེརཝ་གིས་བཅོམས་པའི་མེ་ཏོག།། སེར་བྲང་རང་གི་ན་ཟུག།།
སེརཝ་གིས་བཅོམས་པའི་མེ་ཏོག།། སེར་བྲང་རང་གི་ན་ཟུག།།
མེ་ཏོག་ཚད་མེད་ངང་ལུ།། དགའ་སྟེ་སྡོད་ན་ཡིད་ཚིམ།།
ཀུན་གྱིས་དགའ་བའི་ཟླ་བ།། རང་གི་ཡིན་དུས་མི་འབྱུང་།།
ཀུན་གྱིས་དགའ་བའི་ཟླ་བ།། རང་གི་ཡིན་དུས་མི་འབྱུང་།།
ཨིན་རུང་མཐོང་པའི་དགའ་བ།། ཉོ་ན་རིན་གྱིས་མི་ལང་།།
སྨན་ཆུང་པདྨ་ཨིན་ན།། ཏི་རུ་གཅིག་ལུ་བཙོངས་རུང་།།
སྨན་ཆུང་པདྨ་ཨིན་ན།། ཏི་རུ་གཅིག་ལུ་བཙོངས་རུང་།།
སྤྲང་པོ་ཕ་མ་ཉམས་ཆུང་།། ང་ལས་གཞན་རང་དྲག་འོང་།།
ངེ་སེམས་རི་བཞིན་བརྟན་ན།། སྨྱོ་ཆང་འཐུང་རུང་མི་འགྲང་།།
ངེ་སེམས་རི་བཞིན་བརྟན་ན།། སྨྱོ་ཆང་འཐུང་རུང་མི་འགྲང་།།
ཁྱོད་ཀྱི་མནོ་བསམ་གཏང་ཚེ།། བཟི་བའི་ནམ་ཡང་མིན་འདུག།།
ཁྱོད་དང་ངེ་གི་གྲོང་ཡོདན།། འཐུང་བའི་ཆུ་སྐད་གོ་ཚུགས།།
ཁྱོད་དང་ངེ་གི་གྲོང་ཡོདན།། འཐུང་བའི་ཆུ་སྐད་གོ་ཚུགས།།
གཞན་ཅིག་གྲོང་དུ་འོངས་ན།། གློན་གོའི་གྲོང་ཟེར་སླབ་འོང་།།
བློ་དམན་རང་གི་ཡོན་ཏན།། གྲངས་གིས་འཛིན་ཡང་འཛིན་ཚུགས།།
བློ་དམན་རང་གི་ཡོན་ཏན།། གྲངས་གིས་འཛིན་ཡང་འཛིན་ཚུགས།།
ཁྱོད་ཀྱི་ཨིང་སྐད་བལྟ་ན།།སློབ་ཕྲུག་འབད་ནུམ་ང་གིས།།
དོན་མེད་རྩོམ་ཅིག་རྐྱབ་རུང་།། གྲ་སྒྲིག་དུས་ཚོད་མ་འགོར།།
དོན་མེད་རྩོམ་ཅིག་རྐྱབ་རུང་།། གྲ་སྒྲིག་དུས་ཚོད་མ་འགོར།།
ཁྱོད་ངེ་སེམས་ལུ་མེད་ན།།དེ་བཟུམ་འབྲི་རང་མི་མྱོང་།།
No comments:
Post a Comment