གསེར་ཡི་ཡོ་བྱད་སྣ་ཚོགས་ཤེར་རྩེའི་བུམོ།། སྐར་མ་སྨིན་དྲུག་སྣ་ཚོགས་ཁྱེད་ཀྱི་མིག།།
ཟླ་པད་བཞིན་གྱི་ཚུལ་ཁྲིམས་ཅན་ཡང་དཀྲོག།། ལྷ་མོའི་རྣམ་འགྱུར་གང་ཡོད་ཁག་ཁག་ཚང་།།
རིའི་སྙིང་སྐྱེས་བུ་བྱ་བ་རྒྱབ་ཏུ་བསྐྱུར།།ཁྱེད་རྣམས་མཐོང་བ་ཡིད་བདེ་བྱ་བ་བཟང་།།
མ་མཐོང་ཟུག་སོགས་ཆགས་པ་ཉུང་འགྱུར་ཀྱང་།།མཐོང་ཚེ་མི་ཚེ་གདུང་བ་ནག་ནས་གྲོལ།།
རེ་རེ་ཀུན་ནི་བསོད་ནམས་བསགས་པ་ལ།། ཡ་མཚན་རྨད་བྱུང་རྩོམ་མཁན་སྤྲང་པོས་ཆེ།།
དུས་གསུམ་དགེ་བས་འགྲོ་ཀུན་མུན་པའི་གླིང་།།འཁོར་བ་འཁྱམ་མཁན་མིག་ལོངས་འདྲ་ལ་སེལ།།
དགའ་བ་བདེ་བ་རྟག་ཏུ་སྦྱིན་པར་ཤོག།།དབང་པོ་མ་གྲིབ་བར་དུ་སྐྱེས་པས་བལྟ།།
གྲིབ་པ་མེད་པའི་སྨོན་ལམ་སོན་བཏབ་ཀྱང་།།སེམས་ཀྱི་མིག་གི་འགྱུར་མེད་རྟག་ཁྱབ་སྣང་།།
ལུས་ཕྲ་ཁྱོད་ལ་བདག་གིས་ལྷག་པར་ཕངས།།
No comments:
Post a Comment