Friday, 29 March 2019

མི་དབང་འབྲུག་རྒྱལ་ལྔ་པའི་འཁྲུངས་དཀར་དུས་ཆེན།

མཛད་པ་སོམས་ན་བསམ་གྱི་མ་ཁྱབ་མཛད།།
སྐུ་ནི་མཛེས་པ་འགྲེལ་པའི་ཐ་སྙད་འབྲལ།།
གསུངས་ཡིད་དང་ནི་ཡོན་ཏན་ཞུ་ཅི་དགོས།།
རྒྱལ་ཁབ་བདེ་སྐྱིད་བཀོད་པ་ཡ་མཚན་ཆེ།།
རྩ་ཅན་ཉིནམ་འདིར་སྤྲང་པོ་བདག་གི་སྨོན།།
མི་དབང་སྐུ་གསུངས་ཐུགས་དང་ཡོན་ཏན་དང་།།
འཕྲིན་ལས་སངས་རྒྱས་རྣམས་དང་མཚུངས་པར་ཤོག།།
བར་ཆད་གདོན་བགེགས་ཅི་ཡིས་མ་འཚེ་བར།།
གདུང་རྒྱུད་ཉམས་རྒྱུ་མེད་ཅིང་དར་བར་ཤོག།།
སྐལ་བརྒྱར་ཞབས་པད་བརྟན་པའི་སྨོན་ལམ་ཞུ།།

No comments:

Post a Comment